ལྕམ་སཱ་ཆེར།

གློག་མིག


ནང་དོན་མདོར་བསྡུས། 

       <ལྕམ་སཱ་ཆེར>ནི་དབྱིན་ཇིའི་ལོ་རྒྱུས་ཐོག་གི་བུད་མེད་སྤྱི་ཁྱབ་བློན་ཆེན་གཅིག་པུའི(Denis
Thatcher)མི་ཚེའི་བྱུང་བ་བརྗོད་བྱར་བཟུང་བའི་གློག་བརྙན་ཞིག་ཡིན།    གློག་བརྙན་འདི་ནི་ཉེ་རབས་ཕུལ་དུ་བྱུང་བའི་བུད་མེད་འཁྲབ་ཁྲིད་པ་མཱེ་ལི་ཨེ་སི་ཐྲིར་ཕི་ཝེལ(MeiLiEr • streep will)དང་ཕི་ལེ་ཕུ་བྷོ་སི་ཙི(Philip boasts Lloyd)གཉིས་མཉམ་ལས་ཀྱིས་ལེགས་གྲུབ་བྱུང་ཞིང་། གློག་བརྙན་ཧྲིལ་བོར་1982ལོའི་མཱོའོ་ཏོའོ་གླིང་ཕྲན་གྱི་དམག་འཁྲུག་རྒྱབ་ལྗོངས་སུ་བྱས་ཏེ། སྤྱི་ཁྱབ་བློན་ཆེན་སཱ་ཆེར་གྱིས་དམག་འཁྲུག་དེ་བརྒྱུད་ནས་རང་གི་དབང་བསྒྱུར་གོ་གནས་ཇེ་བརྟན་དུ་བཏང་བ་དང་ལོ་གཉིས་པར་ཡང་བསྐྱར་བློན་ཆེན་བསྐྱར་འདེམས་བྱུང་བའི་གཏམ་བརྒྱུད་བརྗོད་ཡོད་ཅིང་། གཙོ་བོ་སྤྱི་ཁྱབ་བློན་ཆེན་ཁོང་ནས་ཇི་ལྟར་བྱས་ཏེ། ཕོ་མཆོག་མོ་དམན་གྱི་ལྟ་བ་དང་གྲལ་རིམ་གྱི་ལྟ་བ་སོགས་འགོག་རྐྱེན་དུ་མ་ཞིག་ལས་བརྒལ་ནས་ཐོག་མའི་ཟས་རིགས་ཚོང་ཁང་གི་ཚོང་པ་ཐབས་ཆག་ཅིག་གི་བུ་མོ་ནས་དབྱིན་ཇིའི་ལོ་རྒྱུས་ཐོག་གི་ཐེངས་དང་པོའི་བུད་མེད་ཀྱི་སྤྱི་ཁྱབ་བློན་ཆེན་ཞིག་ཏུ་གྱུར་བའི་བརྒྱུད་རིམ་བརྗོད་ཡོད།
         (Margaret Hilda Thatcher)ནི་1925ལོར་སྐུ་འཁྲུངས་ཤིང་། ཁོང་ནི་དབྱིན་ཇིའི་ལོ་རྒྱུས་ཐོག་གི་བུད་མེད་ཀྱི་སྤྱི་ཁྱབ་བློན་ཆེན་གཅིག་པུ་དེ་ཡིན་པ་མ་ཟད། བློན་ཆེན་དུ་ཐེངས་གསུམ་བསྐྱར་འདེམས་བྱུང་ཞིང་། ལོ་11རིང་བློན་ཆེན་གྱི་གོ་གནས་བཟུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བའི་སྲོལ་བཏོད། ཁོང་ནི་བློ་རྩ་བརྟན་ཞིང་། སེམས་ཐག་ཆོད་པོ་ཡོད་ལ། ཁོང་གི་སེམས་གཤིས་གྱོང་བས།“ཆོད་སེམས་ཀྱིས་བརྟས་པའི་ལྷ་ལྕམ”ཞེས་པའི་མིང་ཞིག་ཀྱང་ཐོགས་ཡོད་དོ།།

དཔྱད་གཏམ།

     དུས་རབས་གོང་མར་ཤུགས་རྐྱེན་ངེས་ཅན་ཡོད་པའི་བུད་མེད་ཀྱི་མགོ་ཁྲིད་པ་ཞིག་གི་ངོས་ནས་བཤད་ན། ལྷ་ལྕམ་སཱ་ཆེར་ལ་སྤོབས་པ་སྐྱེ་འོས་པའི་ཟིན་ཐོ་མང་པོ་ཡོད་དེ།  ཁོང་ནི་དབྱིན་ཇིའི་ལོ་རྒྱུས་ཐོག་གི་བུད་མེད་སྤྱི་ཁྱབ་བློན་ཆེན་དང་པོ་དེ་ཡིན་ལ།  ཡོ་རོབ་ལོ་རྒྱུས་ཐོག་གི་བུད་མེད་སྤྱི་ཁྱབ་བློན་ཆེན་དང་པོ་དེའང་ཡིན། དེར་བརྟེན་ཁོང་གི་མི་ཚེའི་ལོ་རྒྱུས་བརྗོད་བྱར་བྱས་པའི་གློག་བརྙན་འདི་བཤད་མི་དགོས་པར་མི་མང་པོ་ཞིག་གིས་དགའ་བསུ་ཐོབ་སྲིད།  ལྷག་དོན་བརྩམས་ཆོས་འདིའི་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ་གཉིས་ཀ་བུད་མེད་ཡིན་པས། གློག་བརྙན་ཕབ་བའི་བརྒྱུད་རིམ་ཁྲོད་དུ་རྒྱུན་སྲོལ་རང་བཞིན་གྱི་མཐོང་སྣེ་བརྒྱུད་དེ་ལྷུག་བརྗོད་བྱས་པ་ཞིག་མིན་པར།  བུད་མེད་ཅིག་གི་མཐོང་སྣེ་ནས་མགོ་བརྩམས་ཡོད་པས།   ཀུན་གྱི་ཡིད་ངོར་གོམས་ཡོད་པའི་བློ་རྩ་བརྟན་ལ་ཆོད་སེམས་ཀྱིས་བརྟས་པའི་ལྷ་ལྕམ་ཞིག་གི་སྣང་བརྙན་དེ་ཡོངས་སུ་འགྱུར་ནས་གཙོ་བོ་བུད་མེད་ཀྱི་ཕྱོགས་གཞན་ཞིག་སྟེ།  ཁོ་མོའི་བརྩེ་དུངས་སྐོར་གྱི་ཕྱིར་དྲན་དང་། ཁྱོ་གར་བཅངས་པའི་བརྩེ་བ།  དེ་བཞིན་ཁོ་མོའི་གཤིས་ཀའི་སྟེང་གི་ཞན་ཆ་སོགས་ཀྱི་ཕྱོགས་དག་ཀྱང་གསལ་བར་བསྟན་ཡོད།
གློག་བརྙན་ཧྲིལ་པོར་ལྷ་ལྕམ་སཱ་ཆེར་གྱི་ངོ་མཚར་གྱི་མྱོང་བ་དག་ཕྱིར་དྲན་གྱི་རྣམ་པའི་ཐོག་ནས་ཞིབ་ཀྱིས་མཚོན་ཡོད་ཅིང་།  ཁོང་གི་མི་ཚེ་ཧྲིལ་པོའི་འཚོ་བ་དང་བྱ་བཞག་གི་དུས་རིམ་སོ་སོར་འདུས་ཡོད་དེ། ཐོག་མར་ཆབ་སྲིད་ལས་ལ་ཞུགས་སྐབས་ཀྱི་གཞོན་ནུ་མ་ཞིག་ནས་སླད་ཀྱི་འཇོན་ནུས་ཆེ་ལ་དོན་ཆེན་ཐབས་ཀྱིས་བསྒྲུབ་པའི་སྤྱི་ཁྱབ་བློན་ཆེན་ཞིག་ཏུ་གྱུར་བའི་བརྒྱུད་རིམ་དང་།  ད་དུང་མཱའོ་ཏོའོ་གླིང་ཕྲན་གྱི་འཇིགས་ཉེན།  ཨེ་ཨར་ལན་གྱི་སྤྱི་མཐུན་དམག དེ་བཞིན་གསུངས་བཤད་འགྲན་བསྡུར་ཁྲོད་བདམས་ཐོན་བྱུང་བ་སོགས་དོན་དག་དག་ཀྱང་འདུས་ཡོད།   གཞན་ཡང་གློག་བརྙན་དུ་ཆེད་དམིགས་ཀྱི་ཁྱོ་ཤུག་གཉིས་ཀྱི་བརྩེ་དུངས་ཀྱི་བརྒྱུད་རིམ་ཞིག་དང་།  གཅིག་ལ་གཅིག་བརྟེན་གྱིས་ཁྱིམ་ཚང་སྐྱོང་བའི་དུམ་མཚམས་ཤིག་ཀྱང་ཁ་གསབ་བྱས་ཡོད་པས། དེ་ནི་གློག་བརྙན་འདིའི་
དམིགས་བསལ་ཐུན་མིན་ཁྱད་ཆོས་ཤིག་ཏུའང་གྱུར་ཡོད།
      ཕུལ་དུ་བྱུང་བའི་མཛེས་རྩལ་ལ་བརྟེན་ནས་གཙོ་འཁྲབ་པ་ Margaret Thatcher ནས་འདས་སོང་ཁྲོད་ཀྱི་ལྷ་ལྕམ་སཱ་ཆེར་གྱི་སྣང་བརྙན་གསོན་པོ་ཞིག་བཞེངས་ཐུབ་པ་བྱུང་ཡོད་ལ།  གཙོ་འཁྲབ་པ་ཁོང་གིས་ཕུལ་བྱུང་གི་འཁྲབ་སྟོན་ཉམས་མྱོང་ལ་བརྟེན་ནས་སྣང་བརྙན་དེར་རྣམ་ཤེས་གསོན་པོ་ཞིག་ཀྱང་ཞུགས་སུ་བཅུག་ཡོད་པས།  ཀུན་གྱི་མིག་ལམ་དུ་ཆོད་སེམས་ཀྱིས་བརྟས་པའི་ལྷ་ལྕམ་ཞིག་གི་གཟུགས་བརྙན་དངོས་སུ་སྟོན་ཐུབ་པ་བྱུང་ཡོད་ལ།   ལྷག་དོན་ཁོ་མོའི་སྐད་ཆའི་ལད་མོའི་ཐད་ལ་ཐོད་བརྒལ་གྱིས་གྲུབ་འབྲས་བླངས་ཡོད་པས།  གཙོ་འཁྲབ་པ་ཁོང་ཉིད་སླར་ཡང་ཨོ་སི་ཁཱའི་སྐྱེས་མ་འཁྲབ་སྟོན་པ་རྩེ་གྲས་སུ་བདམས་ཐོན་བྱུང་ཞིང་།   གློག་བརྙན་འདིར་སྐབས་84པའི་ཨོའོ་སི་ཁཱའི་སྐྱེས་མའི་གཙོ་འཁྲབ་པ་རྩེ་གྲ་དང་མཛེས་བཟོ་རྩེ་གྲ་ཐོབ་ཡོད་པ་རེད་དོ།།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 12-04-26] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།

Copyright © 2011-2013 tibetitw.com

E-mail: bosubtitle@126.com