
བྱ་དགའ་ཐོབ་མཁན་ལྷན་རྒྱས་ཀྱི་མཉམ་པར།
ས་དེའི་ཟླ2པའི་ཚེས18ཉིན། ཉིན་བཅུ་ལྷག་གི་འགྲན་རྩོད་བརྒྱུད་དེ་སྐབས62པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་མཇུག་ལེགས་པར་བསྡུས་ཤིང་། ཀུན་གྱི་ངོ་མཚར་མིག་གི་དབང་པོ་གཏོད་ཡུལ་སྟེ་གསེར་དོམ་བྱ་དགའ་ཉིད་ཨི་ཐ་ལིའི་ གློག་བརྙན«ཁེ་སར་ངེས་པར་དུ་འཆི་དགོས»<Caesar Must Die>ཡིས་བླངས་པ་དང་། ཧང་གྷ་རིའི་གློག་བརྙན«བསིལ་རླུང་ཙམ་རེད»<Just the Wind>ལ་དཔྱད་འདེམས་ཚོགས་པའི་བྱ་དགའ་ཐོབ། Mikkel Boe Folsgaardགྱིས«གོང་མ་ཚང་གི་འདོད་བརྩེའི་གཏམ་རྒྱུད»<A Royal Affair>གློག་བརྙན་འདི་ལ་བརྟེན་ནས་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་བདག་གིར་བཞེས་ཤིང་། བུད་མེད་མི་ནག་འཁྲབ་སྟོན་པ་རེ་ཆི་མལ་ཝ་ཟི་ཡིས«དམག་སའི་སྔགས་ མཁན»<Rebelle>ལ་བརྟེན་ནས་འཁྲབ་སྟོན་མ་རྩེ་གྲའི་ཅོད་པན་བཞེས། གསེར་དོམ་འགྲན་བསྡུར་དུ་ཞུགས་པའི་ཀྲུང་གོའི་གློག་བརྙན་གཅིག་པུ«ཤེའུ་དཀར་ཐང »<白鹿原>ལ་བརྙན་ལེན་རྩེ་གྲའི་བྱ་དགའ་ཐོབ་ཡོད་འདུག

རེབ་འདིའི་དཔྱད་འདེམས་པJake Gyllenhaalཡིས་བྱ་དགའ་གནང་བཞིན་པ།

བྱ་དགའ་ཐོབ་མཁན་ལྷན་རྒྱས་ཀྱི་མཉམ་པར།

བརྙན་ཐུང་རྩེ་གྲ་དཔྱད་འདེམས་ཚོགས་པའི་དངུལ་དོམ་བྱ་དགའ་ཉི་ཧོང་གི«The Great Rabbit»ལ་ཐོབ་སྟེ། འཁྲབ་ཁྲིད་པAtsushi Wadaཡིས་རྟགས་མ་ལེན་བཞིན་པ།

ཕོར་ཐུ་གྷལ་གྱི་འཁྲབ་ཁྲིད་པMiguel Gomesལཊ་ཀྱིས«འཛེམ་བྱ»<Tabu >ལ་བརྟེན་ནས་ཨལ་ཧྥོ་རེ་ཌི་བྱ་དགའ་ཐོབ།

«གཅེན་མོ»འི<Sister>འཁྲབ་ཁྲིད་པ་ཝོལ་སུ་མེལ་ལཊ་ལ་དམིཊ་བསལ་གཟི་བརྗིད་རྟགས་མ་ཐོབ།

རེ་ཆི་མལ་ཝ་ཟི་འཁྲབ་སྟོན་མ་རྩེ་གྲའི་དངུལ་དོམ་རྟཊ་མ་ལེན་པར་འགྲོ་བཞིན་པ།
སྐབས62པའི་པེར་ལིན་གློག་བརྙན་དུས་སྟོན་དུ་བྱ་དགའ་ཐོབ་པ་དག
-------------------------------------------------------------------------------------------------------
གློག་བརྙན་རྩེ་གྲའི་གསེར་དོམ་བྱ་དགའ།
«ཁེ་སར་ངེས་པར་དུ་འཆི་དགོས»<Caesar Must Die>(ཨི་ཐ་ལི)འཁྲབ་ཁྲིད་པ། Vittorio TavianiདངPaolo Taviani
དཔྱད་འདེམས་པའི་དངུལ་དོམ་བྱ་དགའ།
«བསིལ་རླུང་ཙམ་རེད»<Just the Wind>(ཕོར་ཐུ་གྷལ)འཁྲབ་ཁྲིད་པ། Benedek Fliegauf
འཁྲབ་སྟོན་པ་རྩེ་གྲའི་དངུལ་དོམ་བྱ་དགའ།
Mikkel Boe Folsgaard «གོང་མ་ཚང་གི་འདོད་བརྩེའི་གཏམ་རྒྱུད»<A Royal Affair>
འཁྲབ་སྟོན་མ་རྩེ་གྲའི་དངུལ་དོམ་བྱ་དགའ།
རེ་ཆི་མལ་ཝ་ཟི། «དམག་སའི་སྔགས་ མཁན»<Rebelle>
འཁྲབ་ཁྲིད་པ་རྩེ་གྲའི་དངུལ་དོམ་བྱ་དགའ།
Christian Petzold «བྷ་བྷ་རཱ»<Barbara>
འཁྲབ་གཞུང་རྩེ་གྲའི་དངུལ་དོམ་བྱ་དགའ།
Nicolai Arcel «གོང་མ་ཚང་གི་འདོད་བརྩེའི་གཏམ་རྒྱུད»<A Royal Affair>
དམིཊ་བསལ་གཟི་བརྗིད་བྱ་དགའ།
«གཅེན་མོ»<Sister> འཁྲབ་ཁྲིད་པ། ཝོལ་སུ་མེལ།
གློག་བརྙན་རྩོམ་ཕུད་རྩེ་གྲའི་བྱ་དགའ།
«Kauw»འཁྲབ་ཁྲིད་པ། Boudewijn Koole
བརྙན་ལེན་རྩེ་གྲའི་དངུལ་དོམ་བྱ་དགའ།
«ཤེའུ་དཀར་ཐང »<白鹿原> བརྙན་ལེན་པ།Lutz Reitemeier
གཟི་བརྗིད་བྱ་དགའ།
Meryl Streep
ཨལ་ཧྥོ་རེ་ཌི་བྱ་དགའ།
«འཛེམ་བྱ»<Tabu>འཁྲབ་ཁྲིད་པ། Miguel Gomes
རྒྱས་ཀློག Mtimeགྱི་པེར་ལིན་གློག་བརྙན་དུས་སྟོན་གྱི་ཆེད་སྒྲིག
སྐབས62པའི་པེར་ལིན་གློག་བརྙན་དུས་སྟོན་གྱི་ངེད་དྲ་བའི་གསར་འཕྲིན།