དྲ་ཚིགས་ཀྱི་མདུན་ཤོག>>གནས་ཚུལ། >> སྐབས84པའི་ཨོ་ཟི་ཁཱའི་གསེར་གྱི་རྟགས་མ་གནང་ཞིང«སྒྱུ་རྩལ་པ»ཡིས་རྒྱལ་ཁ་ཆེན་པོ་བླངས།

སྐབས84པའི་ཨོ་ཟི་ཁཱའི་གསེར་གྱི་རྟགས་མ་གནང་ཞིང«སྒྱུ་རྩལ་པ»ཡིས་རྒྱལ་ཁ་ཆེན་པོ་བླངས།

གཡུ་ཆུང་། ཁྱུང་ཁྱུང་།

ཡུལ་དེའི་ཕྱི་ཟླ2པའི་ཚེས26སྟེ་པེ་ཅིང་གི་ཕྱི་ཟླ2པའི་ཚེས27གྱི་ཞོགས་པར། ཀུན་གྱིས་རེ་སྒུག་བྱེད་སའི་སྐབས84པའི་ཨོ་ཟི་ཁཱ་བྱ་དགའ་གནང་བའི་མཛད་སྒོ་དེ་ཨ་རིའི་ལོ་སན་རྗོལ་གྱི་ཧི་རྡ་ཟློས་གར་ཁང་དུ་གཟབ་རྒྱས་ངང་བསྡུས་ཤིང་འཛམ་གླིང་གི་གློག་བརྙན་ལས་རིགས་དང་བརྙན་ཞེན་པ་ཀུན་གྱི་ལྟ་ས་ཉག་ཅིག་ཏུ་གྱུར་ཡོད་པ་རེད།

ཨན་ལྗོལ་ལི་ལྗོལ་དང་ཕི་ཋར་བཟའ་ཟླ་གཉིས་ས་གདན་དམར་པོ་བརྒྱུད་དུས།

ནཱ་ཐ་ལི་ཕོར་ཐི་མན(Natalie Portman )ཡང་མཛའ་བོ(Benjamin Millepied)གཉིས།

ས་གདན་དམར་པོ་བརྒྱུད་སྒང་། ཨ་རིའི་འཁྲབ་སྟོན་མ་མིང་པོ་ཆེ་ཨན་ལྗོལ་ལྗོལ་ལི་དང་ཕི་ཋར་བཟའ་ཟླ་གཉིས་དང་རེབ་སྔོན་མའི་ཨོ་ཟི་ཁཱའི་འཁྲབ་སྟོན་རྒྱལ་མོའི་ཅོད་པན་བཞེས་མྱོང་ལ་ཕྲུ་གུ་བཙས་རྗེས་སྐྱེས་གཟུགས་སླར་ཡང་ཚིགས་དྲུག་སྨྱུག་མར་གྱུར་ཡོད་པའི་ནཱ་ཐ་ལི་ཕོར་ཐི་མན(Natalie Portman )ཡང་མཛའ་བོ(Benjamin Millepied)དང་ལྷན་དུ་ཕེབས་འདུག་པར་མ་ཟད། ད་ཐེངས་བརྙན་རྒྱལ་ཕོ་མོའི་འོས་མིང་དུ་ཚུད་པ་དག་གིས་ཀྱང་གཟབ་སྤྲས་བྱས་ཏེ་ཕེབས་ཡོད་འདུག་ལ། ཀུན་གྱིས་ད་རེབ་ཀྱི་ཨོ་ཟི་ཁཱའི་གསེར་གྱི་རྟགས་མ་སུར་ཐོབ་མིན་ལ་རེ་སྒུག་བྱས་འདུག

༼སྐབས84པའི་ཨོ་ཟི་ཁཱའི་ས་གདན་དམར་པོ་བརྒྱུད་དུས་ཀྱི་པར་རིས་དེ་ལས་མང་པMtimeདྲ་བ་འདི་ལས་གཟིགས་རོགས༽


      པེ་ཅིང་གི་དུས་ཚོད་ལྟར་ན་དེ་རིང་ཞོགས་པར་བསྡུས་པའི་སྐབས84པའི་ཨོ་ཟི་ཁཱ་བྱ་དགའ་གནང་བའི་མཛད་སྒོའི་ཐོག«སྒྱུ་རྩལ་པ»ཡིས་ཡང་བསྐྱར་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ འཁྲབ་སྟོན་པ་རྩེ་གྲ་སོགས་བྱ་དགའ་ཆེན་པོ་ལྔ་བླངས་ཏེ་ཀུན་གྱི་ཏོག་ལྟར་གྱུར་ཡོད་འདུག   ཨོ་ཟི་ཁཱའི་རྣམ་གྲངས11གི་འོས་མིང་དུ་ཚུད་པའི«ཧུ་གོ»Hugo ཡིས་མཐོང་ཚོར་རྩེ་གྲ་དང་སྒྱུ་རྩལ་མཛུབ་སྟོན་རྩེ་གྲ། བརྙན་ལེན་རྩེ་གྲ་སོགས་ལག་རྩལ་ཕྱོགས་ཀྱི་རྩེ་གྲ5བླངས་འདུག་པ་དང་། ཕྱི་སྐད་གློག་བརྙན་རྩེ་གྲ་དེ་ཉིད་ཨི་རན་གྱི«གྱེས་བྲལ»ལ་གནང་ཡོད་འདུག
     ཐེངས17ལ་ཨོ་ཟི་ཁཱའི་འོས་མིང་དུ་ཚུད་མྱོང་བའི་མེལ་སི་ཐྲི་རེབMeryl Streepཀྱིས«ལྕམ་སཱ་ཆེར»<The Iron Lady>ལ་བརྟེན་ཏེ་འཁྲབ་སྟོན་རྒྱལ་མོའི་ཁྲིར་འཁོད་ཅིང་། འདི་ནི་མོར་ཨོ་ཟི་ཁཱ་བྱ་དགའ་ཐོབ་ཐེངས་གསུམ་པ་རེད། «ད་བྱིད་རན་གོ»ཡིས་འགུལ་བརྙན་རྩེ་གྲའི་བྱ་དགའ་བླངས་འདུག


༄༅། །སྐབས84པའི་ཨོ་ཟི་ཁཱ་གསེར་གྱི་རྟགས་མ་ཐོབ་པའི་ཐོ་ཡིག་ཆ་ཚང་།
གློག་བརྙན་རྩེ་གྲ
«སྒྱུ་རྩལ་པ»
འཁྲབ་ཁྲིད་པ་རྩེ་གྲ Michel Hazanivicus («སྒྱུ་རྩལ་པ»)
འཁྲབ་སྟོན་པ་རྩེ་གྲ༼ཕོ༽ Jean Dujardin («སྒྱུ་རྩལ་པ»)
འཁྲབ་སྟོན་པ་རྩེ་གྲ༼མོ༽ Meryl Streep («ལྕམ་སཱ་ཆེར»)
འཁྲབ་རོགས་རྩེ་གྲ༼ཕོ༽ Christopher Plummer («གསར་སློབ་པ»)
འཁྲབ་རོགས་རྩེ་གྲ༼མོ༽
Octavia Spencer («རོགས་རེས»)
ཕྱི་སྐད་གློག་བརྙན་རྩེ་གྲ «གྱེས་བྲལ»(ཨི་རན)
དངོས་ཞུས་རྩེ་གྲ «ཉམས་མེད»
འགུལ་བརྙན་རྩེ་གྲ «ད་བྱིད་རན་གོ»
བརྙན་ལེན་རྩེ་གྲ «ཧུ་གོ»    བརྙན་ལེན་པ། Robert C.Richardson
དྲས་སྒྲིག་རྩེ་གྲ «བུ་མོ་འབྲུག་རིས་ཅན»
སྒྱུ་རྩལ་མཛུབ་སྟོན་རྩེ་གྲ «ཧུ་གོ»སྒྱུ་རྩལ་མཛུབ་སྟོན། རྡན་ཐི་ཧྥོལ་ཌི།
ཆས་གོས་ཇུས་འགོད་རྩེ་གྲ «སྒྱུ་རྩལ་པ» Mark Bridges
མཛེས་བཟོ་རྩེ་གྲ «ལྕམ་སཱ་ཆེར»
མཐོང་ཚོར་རྩེ་གྲ «ཧུ་གོ»
རོལ་དབྱངས་དྲས་སྒྲིག་རྩེ་གྲ
«ཧུ་གོ»
རོལ་དབྱངས་བྱེད་ནུས་རྩེ་གྲ «ཧུ་གོ»
རམ་དབྱངས་རྩེ་གྲ «སྒྱུ་རྩལ་པ»
གླུ་གཞས་གསར་རྩོམ་རྩེ་གྲ
«Man or Muppet»
འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ «ཕྱི་རབས་པ»
འཁྲབ་གཞུང་གསར་རྩོམ་རྩེ་གྲ
«ཕ་རི་སིའི་མཚན་གུང»
བརྙན་ཐུང་རྩེ་གྲ «མཚོ་འགྲམ»
འགུལ་རིས་བརྙན་ཐུང་རྩེ་གྲ
«མོ་རི་ཟི་ལེ་སི་མོར་གྱི་ངོ་མཚར་གླེགས་བམ»
དངོས་ཞུས་བརྙན་ཐུང་རྩེ་གྲ «ངོ་སྲུང»

སྐབས84པའི་ཨོ་ཟི་ཁཱ་བྱ་དགའི་འོས་མིང་མིང་ཐོ།


འཁྲབ་སྟོན་མ་རྩེ་གྲ་མེལ་སི་ཐྲེབ། འཁྲབ་སྟོན་པ་རྩེ་གྲ་རན་རྡོ་ཡར་ཡར་ལྡན། «སྒྱུ་རྩལ་པ»འཁྲབ་ཁྲིད་པ་རྩེ་གྲ་བླངས་པ།
«སྒྱུ་རྩལ་པ»ཡིས་གློག་བརྙན་རྩེ་གྲ་བླངས་པ། Octavia Spencer ཡིས་འཁྲབ་རོགས་རྩེ་གྲ་བླངས་པ།
Christopher Plummerཡིས་འཁྲབ་རོགས་རྩེ་གྲ་བླངས་པ།
«ཧུ་གོ»ཡིས་བརྙན་ལེན་རྩེ་གྲ་བླངས་པ། «གྱེས་བྲལ»གྱིས་ཕྱི་སྐད་གློག་བརྙན་རྩེ་གྲ་བླངས་པ། «ད་བྱིད་རན་གོ»ཡིས་འགུལ་རིས་རྩེ་གྲ་བླངས་པ།

ཨོ་ཟི་ཁཱ་གློག་བརྙན་བྱ་དགའ་ངོ་སྤྲོད།

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 12-02-27] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།

Copyright © 2011-2013 tibetitw.com

E-mail: bosubtitle@126.com