དྲ་ཚིགས་ཀྱི་མདུན་ཤོག>>གནས་ཚུལ། >> 2011ལོའི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཆེད་བསྟོད་ཚོགས་འདུ་བསྡུས།

2011ལོའི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཆེད་བསྟོད་ཚོགས་འདུ་བསྡུས།

གཡུ་ཆུང་།

 

      མདང་ནུབ་སྟེ།  ཕྱི་ཟླ་4པའི་ཚེས་8ཉིན། 2011ལོའི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཆེད་བསྟོད་ཚོགས་འདུ་དེ་པེ་ཅིང་གྲོང་ཁྱེར་གྱི་ཨོ་ལིན་ཕིག་རྩལ་འགྲན་རྭ་བར་བསྡུས་ཤིང་། སྐུ་ཞབས་ཀྲང་ཡི་མུག(张艺谋)དང་ཁྲིན་ཁའེ་ཀི(陈凯歌)མ་གཏོགས། རྒྱལ་ནང་དུ་སྐད་གྲགས་ཆེ་བ་འཁྲབ་ཁྲིད་པ་ཧྥིན་ཞོ་ཀང(冯小刚)དང་ཐེན་བྲང་བྲང་།(田壮壮) ཅ་ཀྲང་ཁི(贾樟柯)སོགས་ཀྱིས་གཙོས་པའི་གློག་བརྙན་སྒྱུ་རྩལ་པ་200ལྷག་འདུས་པར་གྱུར།


    

      ཐེངས་འདིའི་ཆེད་བསྟོད་ཁྲོད། སྐུ་ཞབས་ཅང་བིན(姜文)གྱི་གློག་བརྙན«མདེའུ་འཕུར་དུ་ཆུགས»<让子弹飞>ནས་རྒྱལ་ཁ་གྱ་ནོམ་པ་བླངས་པ་སྟེ། 2011ལོའི་རྒྱལ་ནང་གི་ཕུལ་བྱུང་གློག་བརྙན་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་གསུམ་པོ་བླངས་པར་གྱུར། འཁྲབ་ཁྲིད་པ་ཅང་བིན་ལགས་ནས་བྱ་དགའ་བླངས་རྗེས་“ཁོ་ཡང«གངས་སྐོར»<转山>གྱི་འཁྲབ་ཁྲིད་པ་ཏུའུ་ཅ་ཡི་དང་འདྲ་བར། འཁྲབ་ཁྲིད་པ་བྱེད་རྒྱུ་ནི་འཁྲབ་ཁྲིད་པ་ཚོ་ལ་རང་ཉིད་ནི་འཁྲབ་སྟོན་པ་ཡག་པོ་ཞིག་ཡིན་པ་ཤེས་སུ་འཇུག་འདོད་པ་ཙམ་ཡིན”་ཟེར་ཅིང་། མུ་མཐུད་དུ།  “བྱ་དགའ་གཞན་དག་ཁོ་བོས་ལག་པས་བླངས་པ་ཙམ་ཡིན། འོན་ཏེ་བྱ་དགའ་འདི་ནི་ཁོ་བོས་སེམས་ཀྱིས་བླངས་པ་ཡིན་”ཟེར།
2011ལོའི་ན་གཞོན་འཁྲབ་ཁྲིད་པའི་བྱ་དགའ། 
«གངས་སྐོར»གྱི་འཁྲབ་ཁྲིད་པ་སྐུ་ཞབས་ཏུའུ་ཅ་ཡི(杜家毅)ལགས་ལ2011ལོའི་ན་གཞོན་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།  ཁོང་ལ་མཚོན་ན་འཁྲབ་ཁྲིད་པ་མ་བྱས་པའི་སྔོན་ལ་ལས་རིགས་བཅུ་གྲངས་ཤིག་གཉེར་མྱོང་ཡོད་ཅིང་།  ཐེངས་འདིའི་འཁྲབ་ཁྲིད་ཀྱི་ལས་རིགས་ཀྱིས་ཁོང་ལ་བྱ་དགའ་ཐོབ་པས་སེམས་པ་ཤིན་ཏུ་བྲོད་པོ་བྱུང་འདུག  ཁོང་གིས“ན་གཞོན་འཁྲབ་ཁྲིད་པ་དག་ལ་མཚོན་ན།  གློག་བརྙན་ནི་རྨི་ལམ་ཞིག་ཡིན་ལ།  ད་རེས་བྱ་དགའ་ཐོབ་པ་ནི་རྨི་ལམ་གཅིག་མངོན་ཏུ་གྱུར་བ་ཡིན”ཟེར། 
2011ལོའི་ཕུལ་བྱུང་འཁྲབ་སྟོན་མ།
གློག་བརྙན«ཆེས་དགའ་ས་དེ»<最爱>འཁྲབ་སྟོན་མ་གཙོ་བོ་ཀྲང་ཙི་ཡི(章子怡)ལ་བྱ་དགའ་ཐོབ། 
2011ལོའི་ཕུལ་བྱུང་འཁྲབ་གཞུང།  
མིང་འདོན་ཐེངས6བྱས་པའི་གློག་བརྙན་ལེགས་ཤོས«ལྕགས་ཀྱི་རྣོ་སྦྲེང»<钢的琴>ལ་ཆེས་མཐའ་མར་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ།

2011ལོའི་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ།
གཟིགས་མོ་བས་ཤིན་ཏུ་དགའ་བསུ་བྱེད་པའི་འཁྲབ་སྟོན་པ་གུ་ཡུག(葛优)གིས«མདེའུ»ལ་བརྟེན་ནས་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་བླངས་འདུག
ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་མཐུན་ཚོགས་ཀྱི་ལོ་རེའི་ཆེད་བསྟོད་བྱ་དགའ་ནི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་མཐུན་ཚོགས་ཀྱིས་རྒྱལ་ནང་གི་གློག་བརྙན་འཁྲབ་ཁྲིད་པའི་ལས་རིགས་འཕེལ་རྒྱས་དང་འཁྲབ་ཁྲིད་གཞུང་ལུགས་དང་ལག་ལེན་མཐོར་འདེགས་འོངས་ཐབས་སུ་བཟོས་པའི་འཁྲབ་ཁྲིད་ཆེད་གཉེར་གྱི་བྱ་དགའི་རྣམ་གྲངས་ཤིག་ཡིན་ནོ།།

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 12-04-09] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།

Copyright © 2011-2013 tibetitw.com

E-mail: bosubtitle@126.com